rKTs


J65

(e-text produced by ADARSHA)




49.1b
༄##། ་་།རྒྱ་གར་སྐད་དུ། ་ཨཱརྱ་མ་ཧཱ་པ་རི་ནིརྦཱ་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲཱ། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ། ་བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤི་ན། ཆུ་ཀླུང་གསེར་ལྡན་གྱི་འགྲམ་གྱད་གྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་བཅུས་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔྱིད་ཟླ་ཐ་ཆུངས་ཟླ་བ་ཉ་བའི་ནང་པར་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དང་ཉེ་བར་གྱུར་པ་ན། སེམས་ཅན་ཐམས